རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་པ་དང་སྦྱོང་བརྡར་ལྟེ་གནས་ཁང་ནས་བཏོན་པའི་རྩིས་རིག་སློབ་དེབ་ཁག་དང་། བོད་ནས་ཐོན་པའི་རྩིས་རིག་སློབ་དེབ་གསར་རྙིང་ཁག དེ་བཞིན་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་བཏོན་པའི་ཨང་རྩིས་སློབ་དེབ་སོགས་ལ་གཞི་བཅོལ་ནས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བ་རེད།
གཞི་རིམ་འོག་མའི་བོད་སྦྱོང་འདི་ནི། ཕྱི་ལོ་ ༢༠༠༨ ལོར་བཀའ་ཤག་གིས་གཏན་འབེབས་གནང་བའི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར། ཤེས་རིག་ལས་ཁུངས་ནས་བོད་ཡིག་འབྲི་ཀློག་གོང་མཐོར་གཏོང་སླད་སྦྱོང་དེབ་འདི་ཉིད་གཏན་འབེབས་དང་རྩོམ་སྒྲིག་གནང་སྟེ་ཕྱི་ལོ་ ༢༠༡༩ ལོར་སློབ་གྲྭ་ཁག་ཏུ་དངོས་སུ་འགྲེམས་སྤེལ་གནང་སྟེ་སློབ་གྲྭ་ཁག་ཏུ་སློབ་ཁྲིད་གནང་བཞིན་ཡོད་པ་རེད།
སྔོན་འགྲོའི་སློབ་དེབ། སྟོད་ཆ་གསར་པ།
འཛིན་རིམ་དགུ་པའི་སྐད་ཡིག་སློབ་དེབ་གསར་པ་འདི་ནི་ཕྱི་ལོ་ ༢༠༡༦ ལོར་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་(CBSE)ཀྱིས་གཏན་ལ་ཕབ་པའི་གཞི་རིམ་གོང་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་ཕྱི་ལོ་ ༢༠༡༦ ལོར་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་སྟེ་དཔར་དུ་བསྐྲུན་ནས་སློབ་གྲྭ་ཁག་ལ་འགྲེམས་སྤེལ་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༡༧ ནས་གཞི་རིམ་འོག་མའི་ཨང་རྩིས་སྦྱོང་དེབ་རྩོམ་སྒྲིག་འགོ་བཙུགས་ཤིང་། སྦྱོང་དེབ་འདི་དག་གཙོ་བོ་འབྲེལ་ཡོད་ཨང་རྩིས་སློབ་དེབ་སོ་སོར་གཞི་བཅོལ་ཡོད་པ་དང་། དཔེ་མཚོན་མང་པ་ཞིག་སེངྒཱ་པུར་གྱི་ཨ་རྩིས་སློབ་དེབ་དང་སྦྱོང་དེབ་སོགས་ལས་ལེགས་ཆ་བླངས་ཏེ་ཤེས་རིག་ལས་ཁུངས་ནས་གཏན་ལ་ཕབ་པ་ཞིག་ཡིན་པ་རེད།
Chasum Choga | ཆ་གསུམ་ཆོ་ག། Class VII རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་པ་དང་སྦྱོང་བརྡར་ལྟེ་གནས་ཁང་ནས་བཏོན་པའི་རྩིས་རིག་སློབ་དེབ་ཁག་དང་། བོད་ནས་ཐོན་པའི་རྩིས་རིག་སློབ་དེབ་གསར་རྙིང་ཁག དེ་བཞིན་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་བཏོན་པའི་ཨང་རྩིས་སློབ་དེབ་སོགས་ལ་གཞི་བཅོལ་ནས་ཤེས་རིག་ལས་ཁུངས་ནས་གཏན་འབེབས་གནང་བ་རེད།